6442
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོའི་དུས་རབས་བཅུ་གཉིས་པའི་སྟོད་དུ་གཉལ་རོང་དུ་སྐུ་འཁྲུངས། བཅུ་དགུ་པར་ཆོས་སྒོར་ཞུགས། བླ་མ་མགོན་ལས་ཁམས་གསུམ་ཡོངས་གྲོལ་རྟེན་འགྲེལ་དང་བཅས་པ་ཞུས། ལ་སྟོད་དུ་ལྡོམ་བུ་ལ་བྱོན་པས་བྲིན་གྱི་ལ་སོ་ན་ངམ་རྫོང་རས་པ་བཞུགས་པ་དང་མཇལ། ནཱ་རོ་ཆོས་དྲུག་གི་དབང་ལུང་ཁྲིད་གསུམ་ཆ་ཚང་ཞུས། དབུས་སུ་བྱོན། ལྷ་ས་དང་སྲིན་པོ་རི་ལ་སོགས་པ་ཞབས་ཀྱིས་བཅགས། འཆིད་རུའི་འཆད་པོ་ཆེའི་དགོན་པར་ཕེབས་ནས་སྒྲ་མ་བཅད་དེ་ལྐུགས་བརྫུ་མཛད། ལོ་ངོ་བཅོ་བརྒྱད་རིང་ཕྱིར་མ་བྱོན་པར་སྒྲུབ་པ་རྩེ་གཅིག་ཏུ་མཛད། ལྕང་སར་སེར་མ་བྲག་གདོང་དུ་ལོ་འགའ་བཞུགས། མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མངའ་བརྙེས། མངོན་པར་མཁྱེན་པ་མངའ་བའི་གྲུབ་ཐོབ་པ་ཞིག་ཡིན། བདུན་ཅུ་བར་དུ་འཚོ་བ་བཞུགས་མཛད། སློབ་མ་གྲགས་ཆེ་བ་ནི་དམར་བུ་བྲག་པ་གཞོན་ནུ་ཤེས་རབ་ཡིན། |