64440

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་སྤྲུལ་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition སྡོམ་པའི་འབྲོང་པ་སྦྲ་ཆུང་ཚང་དུ་འཁྲུངས། གྲུབ་ཆེན་ཚོགས་གཉིས་ཀྱིས་རྗེས་སུ་བཟུང་སྟེ། དགུང་ལོ་བཅུ་གཉིས་པ་ལ་གཙུག་ཕུད་བཞེས། མཚན་ངག་དབང་བསྟན་པའི་རྒྱལ་མཚན་དུ་གསོལ། བཅུ་གསུམ་ཙམ་ལ་ནང་ཆེན་ཚེས་བཅུ་སྒར་དུ་ཆོས་ཞུགས་མཛད། རྟ་རྣ་ཀརྨ་འཇམ་དབྱངས་ཀྱི་སྤྲུལ་སྐུར་གྲགས་ཀྱང་རྟ་རྣ་དགོན་པར། ནང་ཆེན་རྒྱལ་པོས་མ་སྤྲད་པར་སྒར་དུ་བླ་མའི་གོ་ས་ཕུལ་ཅིང༌། སྒྲུབ་དཔོན་དུ་མངའ་གསོལ། བླ་མ་གཞན་ཡང་ཡོངས་འཛིན་ཤེས་བྱ་ཀུན་མཁྱེན། མདོ་ཁམས་བསྟན་པའི་ཉི་མ། བྱམས་མེ་ཆོས་དཔལ་རྒྱ་མཚོ། ཁྲ་རིས་ཆོས་འབྱོར་སོགས་བསྟེན་ནས་གདམས་ངག་མང་དུ་གསན། སྨན་དཔྱད་སོགས་གཞུང་རིག་གནས་ལ་མཁས་ཤིང༌། དགོན་པའི་ཆོ་ག་ཆོས་སྤྱོད། གཏོར་བཟོ་རྒྱན་བཀོད། གདངས་དབྱངས་རོལ་མོ། འཆམ་གར་སྟབས་སོགས་ལ་སྦྱང་གོམས་ཆེ་བས་བསྟན་དགོན་ལ་དམིགས་བསལ་བཀའ་དྲིན་ཆེ། དགེ་སློང་གི་བསླབ་པ་ལ་གཅེས་སྤྲས་དཔེར་འོས། རྩ་རླུང་གི་དྲོད་རྟགས་ཀྱང་བརྙེས་པས། རྟོགས་ལྡན་བླ་མ་བློ་བཟང་ཤེས་རབ། སྒྲུབ་དཔོན་ཆོས་སྐྱོང་དར་རྒྱས། ཁྲ་ཆེན་དབེན་ཁྲོད་ཀྱི་རྟོགས་ལྡན་སྤེའུ་བཀྲ་ཤིས། གསར་མེ་ཆོས་ཉི། ཚྭ་པ་རྟོགས་ལྡན་བྱང་ཆུབ། ཚོགས་གཉིས་མཆོག་སྤྲུལ་པདྨ་དྲི་མེད་གྲུབ་པའི་དབང་ཕྱུག་སོགས་སློབ་མ་མང༌། འཁྲུངས་འདས་ལོ་ཚིགས་མ་རྙེད་དོ། །

{{#arraymap:འཇམ་སྤྲུལ་བསྟན་པའི་རྒྱལ་མཚན་

|; |@@@ | | }}