6445
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་མེ་ལུག་ཕྱི་ལོ་ ༡༤༢༧ ལོར་གཉལ་དུ་འཁྲུངས། གཞོན་དུས་ནས་གསང་ཕུར་ཕེབས། ཆོས་རྗེ་རིན་ཆེན་བྱང་ཆུབ་དང་། འབྲས་སྤུངས་སུ་མཁས་པ་མུས་སྲད་པ། དགའ་ལྡན་དུ་བ་སོ་ཆོས་ཀྱི་རྒྱལ་མཚན་སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བརྩོན་མཛད། རྗེ་གྱེ་རེ་དཀའ་བཞི་པ་སོགས་ལ་བསྙེན་པར་རྫོགས། དགའ་ལྡན་བྱང་རྩེའི་མཚན་ཉིད་གྲྭ་ཚང་དང་། གསང་ཕུར་སྦེ་སེར་གྲྭ་ཚང་གཉིས་ལ་མཚན་ཉིད་ཀྱི་འཆད་ཉན་མཛད། སྐབས་དེར་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། རྩེ་ཉག་པ་གཉིས་ཐལ་འགྱུར་གྱིས་བཅོམ་པས་མཚན་སྙན་གྲགས། ང་ལྔ་པ་རབ་བྱུང་བརྒྱད་པའི་ལྕགས་གླང་ཕྱི་ལོ་ ༡༤༨༡ ལོར་སེ་ར་ཐེག་ཆེན་གླིང་གི་གདན་སའི་ཁྲིར་བཞུགས། གདན་ས་ལོ་ངོ་ས་བཞིའི་རིང་བསྐྱངས། གྱ་བདུན་པ་རབ་བྱུང་དགུ་པའི་ཤིང་ཁྱི་ཕྱི་ལོ་ ༡༥༡༤ ལོར་སྐུ་གཤེགས། སེ་ར་ཐེག་ཆེན་གླིང་གི་གདན་སའི་མཁན་རབས་བརྒྱད་པ་ཡིན། |