64473

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇལ་ (1)
Part of speech བྱ་ཚིག
Definition ལྕི་ཡང་དང་རིང་ཐུང་མང་ཉུང་གི་ཚད་བླངས་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [གཞལ།, གཞལ་བྱའི་འབྲུ་དངུལ།]
Present [འཇལ།, འཇལ་བྱེད་ཀྱི་སྲང་།]
Past [བཅལ།, དངོས་རྫས་བཅལ་ཟིན་པས་ཁྱེར་ན་ཆོག]
Imperative [འཇོལ།, ཚོང་རྫས་རྣམས་སྲང་ལ་འཇོལ་ལྟ་བུ།]
འཇལ་ (2)
Part of speech བྱ་ཚིག
Definition བདེན་རྫུན་གྱི་དོན་ལ་རིག་པས་དཔྱད་པ་བཏང་པའི་དོན།
Future [གཞལ།, གཞལ་བྱ་བདེན་པ་གཉིས།]
Present [འཇལ།, འཇལ་བྱེད་རིག་པའི་རྣམ་གྲངས།]
Past [བཅལ།, བཅལ་ནས་བདེན་དོན་ཤེས།]
Imperative [འཇོལ།, བདེན་མིན་རིག་པས་འཇོལ་དང་ཤེས་ལྟ་བུ།]
འཇལ་ (3)
Part of speech བྱ་ཚིག
Definition བཟང་ངན་སོགས་ཀྱི་ལན་སློག་པའི་དོན།
Future [གཞལ།, བཟང་བྱས་ལ་དྲིན་ལན་གཞལ་རྒྱུ་མ་བརྗེད།]
Present [འཇལ།, ད་ཐེངས་ཁོང་ལ་དྲིན་ལན་འཇལ་ཐབས་བྱེད་ངེས་ཡིན།]
Past [བཅལ།, བཟང་ལན་བཅལ་ཐུབ་པས་སེམས་པ་དགའ་སོང་།]
Imperative [འཇོལ།, བཟང་ལན་འཇོལ་དང་ཡ་རབས་ཡིན་ལྟ་བུ།]