64480
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གང་ཟག་རང་རང་གི་སོར་ཉི་ཤུ་རྩ་བཞིའི་ཚད་ལ་རང་རང་གི་ཁྲུ་གཅིག་གི་ཚད་ཡིན་ནོ། །དེའི་འཇོག་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འཇལ་བྱེད་ཀྱི་ཁྲུ་ལའང་གསུམ་ཡོད་དེ། ལུས་ཁྲུ། ལག་ཁྲུ། རྡུལ་ཁྲུ་གསུམ་ཡོད་པའི་ཕྱིར། འདིར་ནི་དང་པོ་ཡིན་ལ། དེ་ཡང་། མདོར་ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་གསུངས་པས། ལུས་ཀྱི་སྲིད་ལ་ཆ་བདུན་དུ་བྱས་པའི་ཆ་གཉིས་ཀྱི་ཚད་དེ་ཡིན་ནོ། །ལག་ཁྲུས་ཆོས་གོས་རྣམས་མི་འཇལ་བའི་རྒྱུ་མཚན་ཡོད་དེ། སྐྱེས་བུའི་ལུས་དང་ལག་པ་རིང་ཐུང་མི་མཉམ་པ་མང་བའི་ཆ་ནས་སོ། །རྡུལ་ཁྲུ་ཡོད་དེ། མཛོད་ལས། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། ཞེས་གསུངས་པ་དང་། མདོའི་བཤད་པ་སྔར་བཀོད་པ་ལྟར་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |