64501

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་པ་རྣམ་གསུམ་ (1)
Part of speech མིང་ཚིག
Definition དམག་སྐྱོན། ནད་སྐྱོན། མུག་སྐྱོན་གསུམ།
འཇིག་པ་རྣམ་གསུམ་ (2)
Part of speech མིང་ཚིག
Definition མེའི་འཇིག་པ། ཆུའི་འཇིག་པ། རླུང་གི་འཇིག་པ་བཅས་ཏེ། མེས་འཇིག་པས་ནི་མནར་མེད་པ་ཡན་ཆད། ཚངས་པའི་འཇིག་རྟེན་མན་ཆད་འཇིག་གོ །ཆུས་འཇིག་པས་ནི་བསམ་གཏན་གཉིས་པ་མན་ཆད་མཐའ་དག་འཇིག་གོ །རླུང་གིས་འཇིག་པས་ནི་བསམ་གཏན་གསུམ་པ་མན་ཆད་མཐའ་དག་འཇིག་གོ །བསམ་གཏན་བཞི་པ་ནི་བསམ་གཏན་བཞི་པའི་ས་པའི་ལྷ་དེ་དག་གཞལ་མེད་ཁང་དག་དང་ལྷན་ཅིག་སྐྱེ་ཞིང་གཞལ་མེད་ཁང་དག་དང་ལྷན་ཅིག་འཕོ་བར་འགྱུར་ཏེ། དེའི་ཕྱིར་དེ་དག་ལ་ནི་འཇིག་པ་ཡང་མེད་ལ་འཇིག་པའི་རྒྱུ་ཡང་མེད་དོ། །
Domain ཆོས་ལུགས།