64505

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་པའི་གོ་རིམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མེ་འཇིག་སོགས་ཀྱི་གོ་རིམ་ཡོད་དེ། མེས་འཇིག་བདུན་བདུན་གྱི་རྗེས་སུ་ཆུས་འཇིག་རེ་རེ་དེ་ལྟར་ཆུས་འཇིག་བདུན་གྱི་རྗེས་སུ་སླར་ཡང་མེས་འཇིག་བདུན། འཇུག་ཏུ་རླུང་གིས་འཇིག་པ་གཅིག་སྟེ། ཀུན་དྲིལ་བས་མེ་འཇིག་ལྔ་བཅུ་ང་དྲུག ཆུས་འཇིག་བདུན་རླུང་གིས་འཇིག་པ་གཅིག་སྟེ་དྲུག་ཅུ་རེ་བཞི་ཡོད་ཅིང་རིམ་པ་ཡང་དེ་ལྟར་འབྱུང་བའི་ཕྱིར། དེ་ལྟར་བཤད་པས། གདགས་པ་ལས། དེ་ལྟ་ན་དགེེ་རྒྱས་པའི་ལྷ་རྣམས་ཀྱི་ཚེ་ཚད་བསྐལ་པ་དྲུག་ཅུ་རྩ་བཞི་ཡིན་ནོ། །ཞེས་བཤད་པ་དང་ལེགས་པར་འགྲིག་པ་ཡིན་ནོ། །
Domain ཆོས་ལུགས།