64523
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇིག་ཅིང་ཚོགས་པའི་ཕུང་པོ་ལ་བདག་དང་བདག་གི་བར་ལྟ་བས་ན་འཇིག་ལྟ་སྟེ། ཀུན་བཏུས་ལས། འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་དང་བདག་གིར་ཡང་དག་རྗེས་སུ་ལྟ་བའི་བཟོད་པ་དང་། འདོད་པ་དང་། བློ་དང་། རྟོག་པ་དང་། ལྟ་བ་གང་ཡིན་པ་སྟེ། ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་གསུངས་ལ། རང་ཡུལ་ལ་རང་སྟོབས་ཀྱིས་བདག་དང་བདག་གི་བ་གང་རུང་དུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ཞེས་ཀྱང་བྱའོ། ། |