64525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་ (1)
Part of speech མིང་ཚིག
Definition འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མིང་སྟེ།
Example རང་དབང་ལྡན་པའི་འཇིག་རྟེན་གསར་པ། འཇིག་རྟེན་རྙིང་པའི་སྐབས་ཀྱི་ལམ་ལུགས་ཞེས་པ་ལྟ་བུ།
འཇིག་རྟེན་ (2)
Part of speech མིང་ཚིག
Definition འཛམ་བུ་གླིང་གི་སྣོད་བཅུད་ཀྱི་འཇིག་རྟེན་གྱི་སྤྱི་མིང་། དེ་ཡང་སྣོད་འཇིག་པ་ལ་བཅུད་འཁྲུལ་བ་བརྟེན་པས་འཇིག་རྟེན་ཞེས་བྱ་ཞིང་། ཕྱི་སྣོད་གླིང་བཞི་གླིང་ཕྲན་ལྷུན་པོ་ཉི་ཟླ་དང་བཅས་པ་དང༌། ནང་བཅུད་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་སོ། །
འཇིག་རྟེན་ (3)
Part of speech མིང་ཚིག
Definition རིགས་དྲུག་གི་སེམས་ཅན་རྣམས་ཕན་ཚུན་གཅིག་ནས་གཅིག་ལ་བརྒྱུད་ནས་སྐྱེ་བའམ་འཁོར་བ་ལ་འཇིག་རྟེན་ཟེར།
Example འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་པ་ལྟ་བུ།
འཇིག་རྟེན་ (4)
Part of speech མིང་ཚིག
Definition སྡུག་བསྔལ་གྱི་མིང་ལའང་འཇུག་སྟེ། རྣམ་བཤད་རིགས་པ་ལས། འཇིག་རྟེན་ཞེས་བྱ་སེམས་ཅན་དང་། །སྣོད་དང་སྡུག་བསྔལ་འགྲོ་འདོད་ལའོ། །ཞེས་གསུངས་པ་ལྟར་རོ། །
Domain ཆོས་ལུགས།
འཇིག་རྟེན་ (5)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཉི་ཟླ་འབར་བའི་སྒྲོན་མ་ལས། འཇིག་རྟེན་ཞེས་པ་ནི། འཇིག་པ་ལ་འཇིག་པས་རྟེན་པའི་ཕྱིར་ན་འཇིག་རྟེན་ནོ། །ཡང་ན། སྤྱི་ཏིའི་གཞུང་གིས། རྒྱུའི་ཆོས་དང་། བྱས་པའི་ཆོས་དང་། བྱ་བཙལ་རྩོལ་སྒྲུབ་ཀྱི་ཆོས་དང་། རེ་དོགས་ཡིད་སྨོན་གྱི་ཆོས་དང་། བྱས་པའི་ཆོས་རྒྱུའི་ཐེག་པ་ལ་བརྟེན་པ། འཇིག་རྟེན་པ་ཡིན་པས་ན་འཇིག་རྟེན་ནོ། །འདུས་བྱས་ཐམས་ཅད་ནི་མི་རྟག་གོ ། བྱས་པའི་ཆོས་ཐམས་ཅད་ནི་འཇིག་ཅིང་དོན་མེད་པའོ། །ཞེས་གསུངས།
འཇིག་རྟེན་ (6)
Part of speech མིང་ཚིག
Definition གྲངས་ཀ་གསུམ་སྟེ། འཇིག་རྟེན་ལ་ས་འོག་དང༌། ས་སྟེང༌། ས་བླ་སྟེ་གསུམ་ཡོད་པས་དེ་ལྟར་བཏགས།
Type མངོན་བརྗོད།