64537

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་གནས་པ་འདི་ནི་ཡོངས་སུ་འཁྲི་བས་དཀྲིས་པར་མཐོང་བ་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་དང་པོ་ཁྱིམ་བདག་གི་ལེའུ་ལས་བྱུང་བ་སྟེ། འཇིག་རྟེན་གནས་པ་འདི་ནི་ཕྲག་དོག་དང་སེར་སྣའི་ཀུན་ཏུ་སྦྱོར་བ་དང་ལྡན་པར་ཤེས་པ། མ་རིག་པའི་ལིང་ཏོག་གིས་ཁེབས་པར་མཐོང་བ། གཏི་མུག་གི་འོབས་སུ་ཆུད་པར་མཐོང་བ། འདོད་པའི་རླུང་གིས་དེད་པར་མཐོང་བ། འདོད་པའི་ཟུག་རྔུས་ཟུག་པར་མཐོང་བ། ཁྲོ་བ་དང་འཁོན་དུ་འཛིན་པའི་དུ་བས་ཤིན་ཏུ་གདུགས་པར་མཐོང་བ། འདོད་ཆགས་ཀྱི་མེས་ཀུན་ནས་འབར་བར་མཐོང་བ། ཞེ་སྡང་གི་དུག་གིས་ཁེབས་པར་མཐོང་བ། སྒྲིབ་པའི་ཚེར་མས་བསྐོར་བར་མཐོང་བ། འཁོར་བའི་འབྲོག་དགོན་པས་བརྩོན་འགྲུས་ཉམས་པར་མཐོང་བའོ། །
Domain ཆོས་ལུགས།