64539
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་དང་པོ་ཁྱིམ་བདག་གི་ལེའུ་ལས་བྱུང་བ་སྟེ། ༡ སྲེད་པ་ལ་བརྟེན་ནས་ཀུན་ཏུ་ཚོལ་བ། ༢ ཀུན་ཏུ་ཚོལ་བ་ལ་བརྟེན་ནས་རྙེད་པ། ༣ རྙེད་པ་ལ་བརྟེན་ནས་ང་ཡིར་འཛིན་པ། ༤ ང་ཡིར་འཛིན་པ་ལ་བརྟེན་ནས་རྣམ་པར་ངེས་པ། ༥ རྣམ་པར་ངེས་པ་གདོན་མི་ཟ་བར་བརྟེན་ནས་འདུན་པའི་འདོད་ཆགས། ༦ འདུན་པའི་འདོད་ཆགས་ལ་བརྟེན་ནས་ལྷག་པར་ཆགས་པ། ༧ ལྷག་པར་ཆགས་པ་ལ་བརྟེན་ནས་སེར་སྣ། སེར་སྣ་ལ་བརྟེན་ནས་ཡོངས་སུ་འཛིན་པ། ༨ ཡོངས་སུ་འཛིན་པ་ལ་བརྟེན་ནས་ཡོངས་སུ་སྲུང་བ། ༩ ཡོངས་སུ་སྲུང་བ་ལ་བརྟེན་ནས་སྡུག་བསྔལ་བ་སྟེ། ༡༠ ཡོངས་སུ་སྲུང་བའི་གཞི་ལས་དབྱིག་པ་ཐོགས་པ་དང༌། མཚོན་ཆ་ཐོགས་པ་དང༌། འཐབ་པ་དང༌། མཚང་འདྲུ་བ་དང༌། འགྱེད་པ་དང༌། རྩོད་པ་རྣམས་འབྱུང་ངོ༌། ། |
| Domain | ཆོས་ལུགས། |