64543
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་དང་པོ་ཁྱིམ་བདག་གི་ལེའུ་ལས་བྱུང་བ་སྟེ། ༡ བདག་ཉིད་ལ་གནོད་པ་བྱས་སོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། ༢ བདག་ཉིད་ལ་གནོད་པ་བྱེད་དོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། ༣ བདག་ཉིད་ལ་གནོད་པ་བྱེད་པར་འགྱུར་རོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། ༤ བདག་གི་མཛའ་བོ་ལ་གནོད་པ་བྱས་སོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། ༥ བདག་གི་མཛའ་བོ་ལ་གནོད་པ་བྱེད་དོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། བདག་གི་མཛའ་བོ་ལ་གནོད་པ་བྱེད་པར་འགྱུར་རོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། ༧ བདག་དང་མི་མཛའ་བའི་དོན་བྱས་སོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། ༨ བདག་དང་མི་མཛའ་བའི་དོན་བྱེད་དོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། ༩ བདག་དང་མི་མཛའ་བའི་དོན་བྱེད་པར་འགྱུར་རོ། །ཞེས་སེམས་ལ་མནར་སེམས་སྐྱེ་བ། ༡༠ གནོད་པའི་རབ་ཏུ་སྡང་བ་ཉིད་དོ། ། |
| Domain | ཆོས་ལུགས། |