64544
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་དང་པོ་ཁྱིམ་བདག་གི་ལེའུ་ལས་བྱུང་བ་སྟེ། བདག་ཏུ་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། སེམས་ཅན་དུ་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། སྲོག་ཏུ་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། གང་ཟག་ཏུ་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། ཆད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། བྱ་བ་མེད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། རྒྱུ་མེད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། མི་མཐུན་པའི་རྒྱུར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ། ལོག་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོའོ། ། |
| Domain | ཆོས་ལུགས། |