64567
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་གསུམ་པ་ལས་བྱུང་བ་སྟེ། ༡ སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ནི། ཇི་སྲིད་དུ་ཉི་མ་ཕྱོགས་གསལ་ཞིང་སྣང་བར་བྱེད་པ་དེ་སྲིད་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ཏེ། ཉི་མ་སྟོང་། ཟླ་བ་སྟོང་། རི་རབ་སྟོང་། ཤར་གྱི་ལུས་འཕགས་སྟོང་། ནུབ་ཀྱི་བ་ལང་སྤྱོད་སྟོང་། བྱང་གི་སྒྲ་མི་སྙན་སྟོང་། ལྷོའི་འཛམ་བུ་གླིང་སྟོང་། རྒྱལ་པོ་ཆེན་པོ་བཞི་སྟོང་། སུམ་ཅུ་རྩ་གསུམ་སྟོང་། འཐབ་བྲལ་སྟོང་། དགའ་ལྡན་སྟོང་། འཕྲུལ་དགའ་སྟོང་། གཞན་འཕྲུལ་དབང་བྱེད་སྟོང་། ཚངས་པའི་འཇིག་རྟེན་སྟོང་རྣམས་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། ། ༢ སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ནི། ཇི་སྲིད་དུ་ཉི་མ་ཕྱོགས་གསལ་ཞིང་སྣང་བར་བྱེད་པ་དེ་སྲིད་དུ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཏེ། ཉི་མ་སྟོང་། ཟླ་བ་སྟོང་། རི་རབ་སྟོང་། ཤར་གྱི་ལུས་འཕགས་སྟོང་། ནུབ་ཀྱི་བ་ལང་སྤྱོད་སྟོང་། བྱང་གི་སྒྲ་མི་སྙན་སྟོང་། ལྷོའི་འཛམ་བུ་གླིང་སྟོང་། རྒྱལ་པོ་ཆེན་པོ་བཞི་སྟོང་། སུམ་ཅུ་རྩ་གསུམ་སྟོང་། འཐབ་བྲལ་སྟོང་། དགའ་ལྡན་སྟོང་། འཕྲུལ་དགའ་སྟོང་། གཞན་འཕྲུལ་དབང་བྱེད་སྟོང་། ཚངས་པའི་འཇིག་རྟེན་སྟོང་རྣམས་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། ། ༣ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ནི། ཇི་སྲིད་དུ་ཉི་མ་ཕྱོགས་གསལ་ཞིང་སྣང་བར་བྱེད་པ་དེ་སྲིད་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ཏེ། ཉི་མ་སྟོང་། ཟླ་བ་སྟོང་། རི་རབ་སྟོང་། ཤར་གྱི་ལུས་འཕགས་སྟོང་། ནུབ་ཀྱི་བ་ལང་སྤྱོད་སྟོང་། བྱང་གི་སྒྲ་མི་སྙན་སྟོང་། ལྷོའི་འཛམ་བུ་གླིང་སྟོང་། རྒྱལ་པོ་ཆེན་པོ་བཞི་སྟོང་། སུམ་ཅུ་རྩ་གསུམ་སྟོང་། འཐབ་བྲལ་སྟོང་། དགའ་ལྡན་སྟོང་། འཕྲུལ་དགའ་སྟོང་། གཞན་འཕྲུལ་དབང་བྱེད་སྟོང་། ཚངས་པའི་འཇིག་རྟེན་སྟོང་རྣམས་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། ། |
| Domain | ཆོས་ལུགས། |