64569

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། མི་མཇེད་འཇིག་རྟེན་འདིའི་ཕ་མཐའ་ནས་བགྲངས་པའི་ཕྱོགས་མཚམས་ཀྱི་ཞིང་ཁམས་བརྒྱད་དུ་གསུངས་པའི་གཅིག་ཡིན། དེའང་མི་མཇེད་འཇིག་རྟེན་འདིའི་ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་གཉིས་འདས་པའི་ཕ་རོལ་ན་གནས་ཤིང་། དེར་སྐྱེས་པའི་སེམས་ཅན་རྣམས་གཟུང་འཛིན་བྲལ་བའི་ཡེ་ཤེས་ལ་ཉོན་མོངས་པ་དང་ནག་པོའི་ལས་ལ་མི་སྤྱོད་པས་དྲི་མ་མེད་པ་ཞེས་བྱ་བ། ཞིང་ཁམས་དེ་རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པ། ཚེ་དང་ལོངས་སྤྱོད་སུམ་ཅུ་རྩ་གསུམ་དང་མཉམ་པ། བརྫུས་ཏེ་སྐྱེ་ཞིང་དུས་མིན་འཆི་བ་མེད་པ། ཞིང་དེའི་སྟོན་པ་ནི་ཤཱཀྱ་ཐུབ་པ་དྲི་མེད་སྒྲ་ཞེས་བྱ་བ་ཡིན་ཞིང་སྐལ་ལྡན་དག་ལ་ཐེག་ཆེན་གསང་སྔགས་བསྟན་པས་སྒྲོན་མ་ཆེན་པོ་སྣང་བར་མཛད།