64571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་གྱི་ཁམས་བག་ཚ་བ་མེད་པ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། མི་མཇེད་འཇིག་རྟེན་འདིའི་ཕ་མཐའ་ནས་བགྲངས་པའི་ཕྱོགས་མཚམས་ཀྱི་ཞིང་ཁམས་བརྒྱད་དུ་གསུངས་པའི་གཅིག་ཡིན། དེའང་མི་མཇེད་འཇིག་རྟེན་འདིའི་བྱང་ཕྱོགས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་སུམ་ཅུའི་ཕ་རོལ་ན་གནས་ཤིང་། ཞིང་དེའི་སྟོན་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སེངྒེ་སྒྲ་ཡིན་པར་ཡང་། མདོ་དགོངས་པ་འདུས་པ་ལས། ཡང་ཐུབ་པའི་དབང་པོ་དེ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་སུམ་ཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་བག་ཚ་བ་མེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སེངྒེ་སྒྲ་ཞེས་བྱ་བར་བསྟན་ནས། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་བསྟན་ཏོ། །ཞེས་གསུངས།