64573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་གྱི་ཁམས་བཻ་ཌཱུརྻའི་སྙིང་པོ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདིའི་མདོག་སྔོ་བས་བཻ་ཌཱུརྻའི་སྙིང་པོ་ཞེས་གྲགས། དེར་སྟོན་པ་ནི་སངས་རྒྱས་གསེར་གྱི་འོད་ཟེར་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་བཻ་ཌཱུརྻའི་སྙིང་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་གསེར་གྱི་འོད་ཟེར་ཞེས་བྱ་བར་བསྟན་ནས། ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཞེས་གསུངས།