64587
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། མི་མཇེད་འཇིག་རྟེན་འདིའི་ཕ་མཐའ་ནས་བགྲངས་པའི་ཕྱོགས་མཚམས་ཀྱི་ཞིང་ཁམས་བརྒྱད་དུ་གསུངས་པའི་གཅིག་ཡིན། དེའང་མི་མཇེད་འཇིག་རྟེན་འདིའི་ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ཉི་ཤུའི་ཕ་རོལ་ན་གནས་ཤིང་། ཞིང་དེ་ནི་མེ་ཏོག་གི་རྒྱན་སྣ་ཚོགས་ཀྱིས་སྤུད་པ་ལྟར་མཛེས་ལ། གང་ཟག་བརྫུས་ནས་སྐྱེ་ཞིང་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་གནས་པ། ཞིང་དེའི་སྟོན་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡོན་ཏན་འབྱུང་གནས་ཡིན་པར་ཡང་། མདོ་དགོངས་པ་འདུས་པ་ལས། ཡང་ཐུབ་པའི་དབང་པོ་དེ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ཉི་ཤུ་འདས་པ་ན། འཇིག་རྟེན་གྱི་ཁམས་རྒྱན་ཤིན་ཏུ་བཀྲམ་པ་ཞེས་བྱ་བ་ན། གང་ཟག་བརྫུས་ནས་སྐྱེ་བ་ཤ་སྟག་སྟེ། ཚེ་ལོ་བརྒྱད་ཁྲི་བཞི་སྟོང་གནས་པའི་ཞིང་ཁམས་དེ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡོན་ཏན་འབྱུང་གནས་ཞེས་བྱ་བར་བསྟན་ནས། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་བསྟན་ཏོ། །ཞེས་གསུངས། |