64590
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདི་རིན་ཆེན་གཅལ་དུ་བཀྲམ་པ་འདྲ་བར་ཡོད་པས་མིང་དེ་སྐད་དུ་གྲགས། དེར་སྟོན་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་དགོངས་པའི་རྒྱལ་པོ་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་རྣམ་པར་བཀྲམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་ཡོངས་སུ་དགོངས་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཞེས་གསུངས། |