64591

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་གྱི་ཁམས་རྣམ་པར་མཛེས་པ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། མི་མཇེད་འཇིག་རྟེན་འདིའི་ཕ་མཐའ་ནས་བགྲངས་པའི་ཕྱོགས་མཚམས་ཀྱི་ཞིང་ཁམས་བརྒྱད་དུ་གསུངས་པའི་གཅིག་ཡིན། དེའང་མི་མཇེད་འཇིག་རྟེན་འདིའི་ཤར་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཕ་རོལ་ན་གནས་ཤིང་། ཞིང་དེའི་སྟོན་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཛེས་པའི་ཏོག་ཡིན་པར་ཡང་། མདོ་དགོངས་པ་འདུས་པ་ལས། དེ་བཞིན་དུ་ཐུབ་པའི་དབང་པོ་དེ་ཤར་ལྷོའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འདས་པ་ན། འཇིག་རྟེན་གྱི་ཁམས་རྣམ་པར་མཛེས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཛེས་པའི་ཏོག་ཅེས་བྱ་བར་བསྟན་ནས། ཞེས་གསུངས།