64601
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙེད་པ་ནི། ལྷུང་བཟེད་དམ་ཆོས་གོས་ལ་སོགས་པ་ཟང་ཟིང་ཅུང་ཟད་ཐོབ་པས་དགའ་བར་འགྱུར་པའོ། །མ་རྙེད་ནི། ཟང་ཟིང་དེ་དག་མ་ཐོབ་སྟེ་མི་དགའ་བའོ། །བསྟོད་པ་ནི། ཡོན་ཏན་མངོན་སུམ་དུ་བརྗོད་པས་དགའ་བའོ། །མ་བསྟོད་པ་ནི། མངོན་སུམ་དུ་སྐྱོན་བརྗོད་དེ་སེམས་ལ་འཁྲུག་པའོ། །གྲགས་པ་ནི། ལྐོག་ཏུ་ཡོན་ཏན་བརྗོད་པ་ཐོས་ཏེ་དགའ་བའོ། །མ་གྲགས་པ་ནི། ལྐོག་ཏུ་སྐྱོན་བརྗོད་པ་ཐོས་ཏེ་མི་དགའ་བའོ། །བདེ་བ་ནི། ལུས་དང་སེམས་ལ་དབེན་པ་ཉམས་སུ་མྱོང་སྟེ་དགའ་བའོ། །ལུས་དང་མི་ལ་གནོད་པ་མྱོང་སྟེ། མི་དགའ་བ་ནི་མི་བདེ་བའོ། །ཆོས་བརྒྱད་པོ་འདི་དག་གིས་མི་གོས་པར་སྐྱེ་བོ་རྣམས་ཀྱིས་ཀྱང་བཏང་སྙོམས་སུ་གནས་པར་ཅི་ནུས་སུ་བསླབ་བོ། ། |
| Domain | ཆོས་ལུགས། |