64620

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཇོ་ནང་། དབུ་མ་པ། དབུ་མ་པ་ལུགས་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ། ཇོ་ནང་མ་ཏི་པཎ་ཆེན་གྱི་དངོས་སློབ་བཙུན་པ་འཇམ་དཔལ་གྲགས་པས་མཛད་པའི་བཀའ་བསྡུ་ལྔ་བ་ལས། ཀུན་རྫོབ་བརྟགས་ཤིང་དཔྱད་ན་མེད་པ་དང་། དོན་དམ་དཔྱད་ན་ཡོད་པར་ཐོས་བསམ་གྱི་སྒོ་ནས་རྟོགས་པ་དང་། གང་ཟག་མ་དཔྱད་པའི་ངོ་ན་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་འཛིན་ལ་གྲགས་པ་ལྟར་ཁས་ལེན་པ་དེ་ལ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་ཟེར་ཞིང་། ཐེག་པ་ཆེན་པོ་ལ་ཡང་ཀུན་རྫོབ་ཏུ་བྱེ་བྲག་ཏུ་སྨྲ་བ་ཡོད་ཅིང་ཉན་རང་ཁོ་ནའི་ཁྱད་ཆོས་མིན་པར་སེམས་སོ། །ཞེས་བྱུང་།
Domain [ཆོས་ལུགས།, ལྟ་གྲུབ།]
འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་ (2)
Part of speech མིང་ཚིག
Definition འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་ནི་ཟླ་བ་གྲགས་པ་སྟེ། ཕྱི་དོན་ཁས་བླངས་པས་རྣལ་འབྱོར་སྤྱོད་པ་དང་སྒོ་བསྟུན་པ་མ་ཡིན། དེ་དབང་ཤེས་ལ་རྣམ་པ་གཏོད་བྱེད་ཀྱི་ལྐོག་ན་མོར་མི་འདོད་པས་མདོ་སྡེ་པ་དང་སྒོ་བསྟུན་པའང་མ་ཡིན། རིགས་པ་དྲུག་ཅུ་པའི་འགྲེལ་པར་བློ་རྣམ་བཅས་སུ་བཤད་ཅིང་བུམ་སོགས་ཀྱང་ཕྱི་དོན་དུ་བཤད་པས་བྱེ་བྲག་ཏུ་སྨྲ་བ་དང་སྒོ་བསྟུན་པའང་མ་ཡིན་གྱི། འོན་ཀྱང་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་ངོ་ལ་ཇི་ལྟར་སྣང་བར་ལྟར་དོན་དང་ཤེས་པ་སོགས་ཀྱི་ཐ་སྙད་ཞལ་གྱིས་བཞེས་པའི་ཕྱིར། མདོ་ལས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །