64621
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་ཆགས་པའི་ཚུལ་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས་པས། འཇིག་རྟེན་གྱི་ཁམས་སྟོང་པའི་ཤུལ། ཡིད་མཁའ་རྣམ་པར་དག་པ་ལ་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས། དེའི་སྟེང་དུ་སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཆར་ཆེན་པོ་བབ་པས་ཆུའི་དཀྱིལ་འཁོར་ཆགས། དེ་རླུང་གིས་བསྲུབས་པས་ཆུའི་སྟེང་དུ་གསེར་གྱི་ས་གཞི་ཆགས། དེའི་དབུས་སུ་རི་རབ་དང༌། མཐའ་བསྐོར་དུ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན་གླིང་བཞི་གླིང་ཕྲན་བཅས་ཆགས། རི་རབ་ཀྱི་བང་རིམ་ལ་རྒྱལ་ཆེན་རིས་བཞི། རྩེ་མོར་སུམ་ཅུ་རྩ་གསུམ་བཅས་ཆགས། རི་རབ་ཀྱི་སྟེང་གི་ནམ་མཁའ་ནས་གྱེན་དུ་འདོད་ལྷ་རིགས་བཞི་དང༌། དེའི་སྟེང་དུ་བསམ་གཏན་རིས་བཞི་བཅས་བྱེ་བ་ཕྲག་བརྒྱ་ཆགས། ནང་བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་པ་སྲིད་རྩེ་ནས་མནར་མེད་ཀྱི་སེམས་ཅན་རྣམས་གོང་ནས་འོག་ཏུ་རིམ་པར་ཆགས་པའོ། ། |