64624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་ཆོས་བརྒྱད་ཀྱིས་མི་གོས་པར་ལྡན་དགོས་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ རྙེད་པ་དང་། སྙན་པ་དང་། བསྟོད་པ་དང་། བདེ་བས་ཁེངས་པ་མེད་པ། ༢ མ་རྙེད་པ་དང་། མི་སྙན་པ་དང་། སྨད་པ་དང་། སྡུག་བསྔལ་གྱིས་ཞུམ་པ་མེད་པ། ༣ སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕུང་པོ་རྣམས་ལ་ཡོངས་སུ་སྤྱོད་པར་བྱེད་པ། ༤ ཕུང་པོ་ཡོངས་སུ་ཤེས་པ་སྲུང་ཞིང་དབེན་པར་ལྟ་བའོ། །
Domain ཆོས་ལུགས།