64632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་དང་འགལ་ཡང་སྐྱོན་མེད་པ་ (1)
Part of speech མིང་ཚིག
Definition མེ་ལོང་མའི་རྩ་བར། ཚིག་སྦྱོར་གང་དུ་ཡོངས་སུ་གྲགས་པའི་འཇིག་རྟེན་ཐ་སྙད་དང་མི་མཐུན་པའི་གནས་ཚུལ་འགའ་ཞིག་བརྗོད་པ་དེ་ཡིན་ཀྱང་གནས་སྐབས་ཀྱི་ཆ་རྐྱེན་གཞན་དག་ལ་བརྟེན་ནས་ཡོངས་གྲགས་ཀྱི་ཐ་སྙད་དང་མི་མཐུན་པའི་རིགས་ཡོང་སྲིད་པ་དེ་འདྲ་བརྗོད་ཀྱང་སྐྱོན་མེད་དེ།
Example བོད་མཁས་པས། རྒྱལ་སྐུའི་འོད་ཟེར་ཕྱོགས་ཀྱི་མཐར་འཕྲོ་བས། །རེག་ཙམ་ཉིད་ནས་ས་འོག་མུན་པའི་ཀླུ། །ལོང་བ་ཡིས་ཀྱང་མཚན་དཔེའི་དཔལ་མཐོང་ཞིང་། །རྨོངས་པའི་བློ་ཡིས་ཚེ་རབས་དྲན་པ་ཐོས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག