64637

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་དབང་ཕྱུག་ (1)
Part of speech མིང་ཚིག
Definition སྤྱན་རས་གཟིགས་ཀྱི་མཚན་ཏེ། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཁམས་གྱི་མགོན་པོར་གྱུར་བས་སོ། །
Type མངོན་བརྗོད།
འཇིག་རྟེན་དབང་ཕྱུག་ (2)
Part of speech མིང་ཚིག
Definition ཚངས་པ་ཆེན་པོ་སྟེ། མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་བདག་པོ་ཡིན་པས་སོ། །
འཇིག་རྟེན་དབང་ཕྱུག་ (3)
Part of speech མིང་ཚིག
Definition སྟག་ལུང་མར་ཐང་རི་བོ་ཆེའི་གདན་རབས་བརྒྱད་པ། ཤིང་ཁྱི་ཕྱི་ལོ་ ༡༤༥༤ ལོར་ཁོ་ཚ་རིན་ཆེན་སྒང་དུ་ཡབ་གྭ་ཟི་བསོད་ནམས་རིན་ཆེན་དང་ཡུམ་རོང་བཟའ་ཨ་ལྷ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་སུ་ཁོ་ཚ་རིན་སྒང་གི་ལྷ་མཁར་གྱི་ལྷ་ཁང་ཆེན་མོར་བཞུགས་ནས་རིགས་གནས་སྤྱི་དང་མཚན་ཉིད་རིགས་པ་ལ་སྦྱངས་པ་མཛད། ཆོས་རྗེ་མགོན་པོ་ཡེ་ཤེས་དང་མཁན་ཆེན་བསོད་ནམས་བཟང་པོ། སློབ་དཔོན་རྒྱལ་བ་བཟང་པོ་སོགས་ཀྱི་དྲུང་ནས་ཟབ་ཆོས་ཀུན་གསལ། མཁར་གྱི་ལྕགས་ཟམ་དང་། རྟ་ཁྱམས་ཀྱི་ལྕགས་ཟམ། ཤིང་ཟམ་དང་གྲུ་བཅས་བཙུགས་ཤིང་། སྲོག་བསླུ་གནང་བ་ཡང་ཤིན་ཏུ་མང་། ཡང་དགོན་དུ་རྟེན་གསུམ་བཞེངས་པ་དང་མཆོད་རྫས་དཀར་ཐེབས་སོགས་ཀྱི་རྒྱུན་བཙུགས། མེ་ཕག་ཕྱི་ལོ་ ༡༤༦༧ ལོར་འཕུར་པ་ཤཱཀྱ་རིན་ཆེན་གྱིས་གསོལ་བ་བཏབ་པ་བཞིན། གླིང་གི་སྤྱི་པོ་རྣམས་ཞིག་གསོ་རྒྱ་ཆེན་གནང། འདུས་པ་མང་དུ་བྱུང་བ་སྟེ། ཀརྨ་མི་བསྐྱོད་རྡོ་རྗེ་རི་ཆེར་ཕེབས་སྐབས་གནས་ཁྲ་མོ་ནས་དགོན་པའི་བར་བསྟར་བ་བཞི་སྒྲིག་གིས་སེར་ཕྲེང་བྱས་པར་བཤད་པས་མ་མཐའ་ལའང་དགེ་འདུན་སྟོང་བདུན་ཙམ་མེད་ན་དེ་ལྟར་འདང་དཀའ་རབ་རྒྱུས་ཡོད་རྣམས་ཀྱིས་བཤད་སྲོལ་འདུག། དགྱེས་རྡོར་ལྷ་ཁང་དུ་ནང་བཞུགས་དཔལ་ཀྱེེེ་རྡོ་རྗེའི་དངུལ་སྐུ་མི་ཚད་མས་གཙོས་གསེར་དངུལ་གྱིས་བྲིས་པའི་བཀའ་བསྟན་སོགས་རྟེན་གསུམ་བསྐྲུན་པར་མཛད། རྣམ་ཐར་དང་ཚོགས་ཀྱི་བཅའ་བ་གླིང་གི་འདུལ་ཁྲིམས་སོགས་དཔལ་སྟག་ལུང་པའི་རྣམ་ཐར་སོ་དགུ་ལ་གཙིགས་བཟུང་། སྡེ་གཉིས་འབངས་དང་བཅས་པ་དར་རྒྱས་ཆེ། མཐར་ལྕགས་ཡོས་སྤྱི་ལོ་ ༡༥༣༡ ལོར་མཁར་དྲུང་བསོད་ནམས་བཀྲ་ཤིས་ལ་གདན་སའི་ཆོས་ཁྲི་དམར་པོ་འདི་ལ་ལས་མགོན་ལྕེ་སྤྱང་གདོང་ཅན་དངོས་སུ་འཁོར་བས་རྗེ་སངས་རྒྱས་དབོན་ནས་ད་བར་དགེ་སློང་རྡོ་རྗེ་འཛིན་པ་མཁོ་ནས་སྤྱོད་ཡུལ་ལས་གཞན་གྱིས་མིན་པས། སྔགས་ནག་ཨ་ར་ཅན་ཁྱོད་ངའི་ཁྲི་ལ་མ་སྡོད་ཆོས་སྲིད་ཀྱི་བདག་གཉེར་གྱིས་ལ་སྲས་པདྨ་རྒྱལ་པོ་བསྐྱེད་བསྲིངས་ཏེ་རབ་དུ་བྱུང་བར་གྱིས་ལ་ཆོས་ཁྲིར་འདོན་དགོས་ཞེས་ཞལ་ཆེམས་གནང་སྟེ་སྐུ་གཤེགས་སོ། །