64653

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་ན་ངན་པ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་ལས་བྱུང་བ་སྟེ། ༡ ཡིད་ཀྱི་ལས་ངན་པ། ༢ ལུས་ཀྱི་ལས་ངན་པ་ནི། ཁྱིམ་འབིགས་པའི་རྐུན་པོ་སྟེ། འཚོ་བ་ཤིན་ཏུ་སྨད་པའི་ཕྱིར་རོ། ། ༣ ངག་གི་ལས་ངན་པ་ནི། བརྫུན་དུ་སྨྲ་བ་ལ་སོགས་པ་ལྷུར་ལེན་པ་སྟེ། དེ་ལྟ་བུ་དང་ལྡན་པ་ནི་ཚོགས་པ་ལ་སོགས་པའི་ནང་དུ་འཇུག་ཏུ་མི་རུང་བའི་ཕྱིར་རོ། ། ༤ ལོངས་སྤྱོད་ངན་པ་ནི། ཁྱི་དང༌། བྱ་རོག་དང༌། ཡི་དྭགས་ལ་སོགས་པ་སྟེ། སྐྱུགས་པ་ཟ་བའི་ཕྱིར་རོ། །
Domain ཆོས་ལུགས།