64657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་པ་ (1)
Part of speech མིང་ཚིག
Definition ཚེ་འདིའི་འཚོ་ཐབས་གཙོ་བོར་གཉེར་བའི་ཁྱིམ་པ་ཕོ་མོའི་མིང་།
འཇིག་རྟེན་པ་ (2)
Part of speech མིང་ཚིག
Definition མདོ། ལས་ཉོན་གྱི་འཕངས་ཤིང་ཐོགས་མེད་ནས་འཁོར་བར་འདྲིས་པའི་རིགས་སུ་གནས་པ། འཇིག་རྟེན་པའི་མཚན་ཉིད། ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ།
Domain ཆོས་ལུགས།
འཇིག་རྟེན་པ་ (3)
Part of speech མིང་ཚིག
Definition སོ་སོ་སྐྱེ་བོའི་མངོན་རྟོགས་སུ་དམིགས་པ། འཇིག་རྟེན་པའི་ལམ་གྱི་མཚན་ཉིད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ལ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་བསྡུས་པ་ལ་འཇིག་རྟེན་པ་དང༌། འཕགས་པའི་རྒྱུད་ཀྱི་ཡོན་ཏན་ལ་འཇིག་རྟེན་ལས་འདས་པར་བྱས་པ། ཟག་བཅས་ལ་འཇིག་རྟེན་པ་དང༌། ཟག་མེད་ལ་འཇིག་རྟེན་ལས་འདས་པར་བྱས་པ། ཞི་རགས་ཀྱི་རྣམ་པ་ཅན་ལ་འཇིག་རྟེན་པ་དང༌། བདེན་པའི་རྣམ་པ་ཅན་ལ་འཇིག་རྟེན་ལས་འདས་པར་བྱས་པ་ལ་སོགས་པ་དུ་མ་ཡོད་པ་ལས། སྐབས་འདིར་དང་པོའི་དབང་དུ་བྱས་ལ། དེས་ན་འཇིག་རྟེན་པ་དེ་ལ་ཆོས་འཇིག་རྟེན་པ་དང༌། བློ་འཇིག་རྟེན་པ་དང༌། གང་ཟག་འཇིག་རྟེན་པ་གསུམ། དང་པོ་ནི། སོ་སོའི་སྐྱེ་བོའི་ཕུང་པོ་ལྟ་བུ། གཉིས་པ་ནི་སོ་སོ་སྐྱེ་བོའི་ཤེས་པ་ལྟ་བུ། གསུམ་པ་ནི། སོ་སྐྱེ་ལྟ་བུ།