64666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་པའི་ཐེག་པ་གསུམ་ (1)
Part of speech མིང་ཚིག
Definition ༡ འཇིག་རྟེན་པ་ཉིད་ཀྱི་ཐེག་པ་ཕྱུགས་བདག་དང་། དྲང་སྲོང་། ལྷ། འབྱུང་པོ། གསང་བ་པ། སྔགས་མཁན་སོགས་སོ་སོ་སྐྱེ་བོས་བྱས་པ་སྟེ་འཇིག་རྟེན་པ་དངོས་སོ། ། ༢ ངེས་པ་ལ་འཇུག་པའི་འཇིག་རྟེན་པའི་ཐེག་པ་འདོད་པ་དང་། གཟུགས་ཀྱི་རིག་པ་འཛིན་པ། གཟུགས་མེད་པ་སྟེ་ཁམས་གསུམ་གྱི་མཆོག་སྔགས་ཀྱི་སྦྱོར་བས་བགྲོད་པར་བྱེད་པ་རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བ་རྣམས་སོ། ། ༣ སེམས་སེམས་ཀྱི་འཇིག་རྟེན་པའོ། །ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་སྟེ། ཕྱི་མ་གཉིས་ནི་འཇིག་རྟེན་པ་ལས་འདས་པའི་སྡེར་ཡང་གཏོགས་ཤིང་དེ་སྟོན་བྱེད་ཀྱི་རྒྱུད་རྣམས་ཀྱང་དེའི་སྡེ་སྣོད་དུ་གཏོགས་སོ། །
Domain ཆོས་ལུགས།