64679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་པའི་ཡི་གེ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཆོ་འཕྲུལ་གྱི་ཡི་གེའི་ནང་གསེས་ཤིག་སྟེ། རྩ་བ་རིགས་དྲུག་གི་ས་བོན་དྲུག་དང་། ཟིན་པ་འགྲོ་བ་ཀུན་གྱི་སྒྲ་སྐད་ཡི་གེས་ཟིན་པ་དག་དང་། གྲགས་པ་ལྷ་ཀླུ་ལྷ་མིན་མི་དང་མི་མིན་གནོད་སྦྱིན་གྱི་ཡི་གེ་ལ་སོགས་པ་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལང་ཀའི་བདག་པོ་དེ་ལ་འཇིག་རྟེན་པའི་ཡི་གེ་གང་ཞེ་ན། འདི་ལྟ༷་སྟེ། རྩ་བ་དང༌། ཟིན་པ་དང༌། གྲགས་པའོ། །དེ་ཡང་རྩ་བ་གང་ཞེ་ན། ཨཿནྲྀཿསུཿཏྲིཿཔྲེཿདུཿསྟེ་ས་བོན་དྲུག་གི་ཡེ་གེ་གང་ཡིན་པའོ། །ཟིན་པ་གང་ཞེ་ན། གང་འགྲོ་བ་རྣམས་ཀྱི་སྒྲ་སྐད་ཀུན་ཀྱང་སོ་སོར་སྣང་བའི་ཐ་དད་པའི་ཡི་གེས་ཟིན་པ་ཁོ་ནའོ། །གྲགས་པ་གང་ཞེ་ན། ལྷའི་ཡི་གེ་དང༌། ཀླུའི་ཡི་གེ་དང༌། ལྷ༷་མ་ཡིན་གྱི་ཡི་གེ་དང༌། མིའི་ཡི་གེ་དང༌། གནོད་སྦྱིན་གྱི་ཡི་གེ་དང༌། འགྲོ་ལྡིང་གི་ཡི་གེ་ལ་སོགས་པ་འཇིག་རྟེན་ཐ་དད་ཀྱི་ཡི་གེར་གྲགས་པ་གང་ཡིན་པའོ། །ཞེས་པ་ལྟར་དབྱེ་ན། རྩ་བའི་ཡི་གེ ཟིན་པའི་ཡི་གེ གྲགས་པའི་ཡི་གེ་དང་གསུམ་མོ། །
Domain ཆོས་ལུགས།