64681
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སློང་མའི་འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ། ༡ དགེ་སློང་དག་འདི་ན་རྐུན་པོ་འཁོར་བརྒྱ་དང་ལྡན་པ། འཁོར་སྟོང་དང་ལྡན་པ། འཁོར་བརྒྱའམ་སྟོང་གི་སྣ་ལ་སོང་སྟེ་ཁྱིམ་འཕྲོག་པར་བྱེད། མདུད་པ་འགྲོལ་བར་བྱེད། རིམ་གྱིས་འཕྲོག་པར་བྱེད། ལམ་སྒུགས་ཤིང་འདུག་པར་བྱེད། མེ་གཏོང་བར་བྱེད། ལམ་འཇོམས་པར་བྱེད། རྒྱལ་པོའི་མཛོད་རྐུ་བར་བྱེད། གྲོང་འཇོམས་པར་བྱེད། ཡུལ་འཁོར་འཇོམས་པར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་ཆེན་པོ་དང་པོ་ཡིན་ནོ། ། ༢ རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན། མདུད་པ་འགྲོལ་བར་མི་བྱེད་ཅེས་བྱ་བ་སྔ་མ་བཞིན་ནོ། །འོན་ཀྱང་དགེ་འདུན་གྱི་རྩྭའམ། ཤིང་ངམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་འཚོང་བར་བྱེད་པ་དང་། དེས་ཁྱིམ་གྱི་མི་གསོ་བར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་གཉིས་པ་ཡིན་ནོ། ། ༣ རྐུན་པོ་ཆེན་པོ་འཁོར་བརྒྱ་སྟོང་དང་ལྡན་པ་ཡང་མ་ཡིན། འཁོར་བརྒྱའམ་སྟོང་གི་སྣ་ལ་སོང་བ་སོགས་སྔ་མ་བཞིན་དང་། དགེ་འདུན་གྱི་རྩྭ་འཚོང་བ་ལ་སོགས་པས་ཁྱིམ་གསོ་བ་ཡང་མི་བྱེད་མོད། འོན་ཀྱང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་ཆེན་པོ་གསུམ་པ་ཡིན་ནོ། །གསུམ་པོ་འདིའི་ནང་ནས་ཀྱང་ཐ་མ་འདི་ནི་ལྷ་དང་མིའི་རྐུན་པོ་རྐུན་པོ་ཆེན་པོའོ། ། |
| Domain | ཆོས་ལུགས། |