64686
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིགས་པས་རབ་ཏུ་བཅུག་པའི་ལས་ཏེ། སློབ་པ་རིགས་པས་ཐབས་ཀྱིས་རབ་དུ་བཅུག་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་གསུམ་ཀུན་ནས་སློང་བ་མཚུངས་ལྡན་དང་བཅས་པའོ། །དེ་ཡང་ཕུང་པོ་ལྔའི་རང་བཞིན་ནོ། །དེ་ལ་ཀ་ལ་སོགས་པའི་ཡིག་འབྲུའི་གཟུགས་འབྲི་བ་དང་། ལྷ་ལ་སོགས་པའི་འབུར་གྱི་རྒྱ་རྐོ་བ་ནི་ལུས་ཀྱི་ལས་དང་། དངོས་པོ་གཅིག་ལ་སོགས་པ་བགྲང་བ་དང་བཅས་པའི་སྙན་ངག་ནི་ངག་གི་ལས་སོ། །བཅུ་པ་བཅུ་ལ་བརྒྱའོ་ཞེས་བྱ་བ་ལ་སོགས་པའི་གྲངས་བསྡོམས་ཏེ་འཛིན་པ་ནི་ཡིད་ཀྱི་ལས་ཏེ། དེ་དག་གོ ། |
| Domain | ཆོས་ལུགས། |