64692
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། སྐྱབས་འགྲོའི་རྒྱུ་ནི། འཇིག་རྟེན་པའི་སྐྱབས་སུ་འགྲོ་བའི་རྒྱུ་འཇིགས་པ་དང་འདོད་པ་གཙོ་ཆེའོ། །སྐྱབས་ཡུལ་ལ། དམན་པ་དང་། མཆོག་གོ ། དང་པོ་ནི། དབང་ཕྱུག་དང་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་དག་གམ། རི་དང་ཤིང་ལ་སོགས་པ་རང་གང་མོས་ལ་སྐྱབས་སུ་འགྲོ་བའོ། །གཉིས་པ་ནི། ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་ཡང་བློ་འཇིག་རྟེན་པ་སྟེ། ཚེ་འདི་དང་ཕྱི་མའི་འཇིགས་པ་སྐྱོབ་པའམ། ལེགས་པ་ལ་སྨོན་པའི་སྒོ་ནས་སྐྱབས་འགྲོ་བྱེད་པ་སྟེ། བསམ་པ་དེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའང་འཁོར་བ་ལས་མི་གྲོལ་བའི་ཕྱིར་རོ། །དུས་ནི། འཇིག་རྟེན་པ་ཚེ་འདི་ཕྱིའི་རང་དོན་ཕྲ་མོ་ནམ་ཐོབ་པ་ལས་མ་གཏོགས་པ་ཇི་སྲིད་འཚོ་བ་དང་སྙིང་པོ་བྱང་ཆུབ་ཀྱི་བར་གྱི་ཐ་སྙད་མི་ཤེས་སོ། །ཆེད་དུ་བྱ་བ་ནི། འཇིག་རྟེན་པ་རང་གི་ཚེ་འདི་ཕྱིའི་དོན་ཙམ་ལ་དམིགས་ནས་སྐྱེལ་མ་ལྟ་བུའི་ཚུལ་དུ་སྐྱབས་སུ་འགྲོའོ། །ཞེས་ཆོས་རྗེ་ས་པཎ་གྱིས་ཐུབ་པའི་དགོངས་གསལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |