64693
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། མཚན་ཉིད་ནི། བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་ནས་ཁམས་གོང་མའི་འཇུག་ངོགས་ལ་གོམས་པར་བྱེད་པའི་ཏིང་ངེ་འཛིན་ཏོ། །གང་ཟག་གང་ལ་སྐྱེ་ན། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་དང། འདོད་པ་ཁམས་ཀྱི་ལྷ་རིགས་དྲུག། ཁམས་གོང་མའི་ལྷ་གསུམ་མ་གཏོགས་པ་དེ་ལ་སྐྱེ་སྟེ། བསོད་ནམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ངན་སོང་གསུམ་དང། བྱང་སྒྲ་མི་སྙན་པ། ཟ་མ་མ་ནིང། གཟུགས་ཁམས་ཀྱི་འདུ་ཤེས་མེད་པ་བ་རྣམས་ལ་མི་སྐྱེ་སྟེ། སྒྲིབ་པ་ཤས་ཆེ་བའི་ཕྱིར་རོ། གཟུགས་ཁམས་ཀྱི་ཚངས་པ་ཆེན་པོ་ལ་མི་སྐྱེ་སྟེ། ཕྱིན་ཅི་ལོག་གི་ལྟ་བའི་རྟེན་ཡིན་པའི་ཕྱིར་དང། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །ཁམས་གོང་མ་ལ་ཞི་བར་བལྟ་ས་མེད་ཅིང་སེམས་མི་གསལ་བས་གཟུགས་མེད་ཀྱི་སྲིད་རྩེ་ལའང་མི་སྐྱེ་འོ། །ས་གང་ལ་བརྟེན་ན། གཟུགས་དང། གཟུགས་མེད་ཀྱི་བསམ་གཏན་དང་སྙོམས་འཇུག་བརྒྱད་ལ་བརྟེན་ཏོ། །བྱེད་ལས་ནི། བསམ་གཏན་བསྒོམས་པས་སྤང་བྱའི་ས་བོན་མགོ་ནོན་པ་དང། ཚད་མེད་པ་དང། མངོན་པར་ཤེས་པར་ལྔ་ལ་སོགས་པའི་ཡོན་ཏན་དང་། འཕགས་པའི་ལམ་གྱི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |