64696
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། སྦྱིན་པ་གང་ལ། སྦྱིན་བྱ་དང། ལེན་པ་པོ་དང། གཏོང་བ་པོ་དང་གསུམ་པོ་དག་ལ་ཆགས་པ་སྐྱེས་ཤིང་མངོན་པར་ཞེན་པར་གྱུར་པ་དེ་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་ཏེ། འཁོར་གསུམ་དུ་དམིགས་པ་ནི་ཐ་སྙད་ཀྱི་བདེན་པས་བསྡུས་པས་འཇིག་རྟེན་པ་ཡིན་པའི་ཕྱིར་རོ་ཞེས་རེད་མདའ་བས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། ས་དང་པོར་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་མ་ཟིན་པའི་སྦྱིན་པ་ལ་འཇིག་རྟེན་པའི་སྦྱིན་པའི་ཕ་རོན་ཏུ་ཕྱིན་པ་ཞེས་འཇོག་སྟེ། འགྲེལ་པར། དམིགས་པ་ནི་ཐ་སྙད་ཀྱི་བདེན་པས་བསྡུས་པ་ཉིད་ཀྱིས་འཇིག་རྟེན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་དག་གིས་ཤེས་པར་མི་ནུས་སོ་ཞེས་གསུངས་པས་སོ། །འདིའི་སྦྱིན་པའང་ས་དང་པོའི་སྦྱིན་པ་ཡིན་ལ། དེར་བདེན་འཛིན་མི་སྲིད་དོ། །ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |