64774
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ལས་ལྷ་ཆེན་མགོན་ལྷ་དཀར་པོའི་བཀའ་འཁོར་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། ལྷ་ཆེན་དེ་ཡི་བཀའ་འཁོར་ནི། འཇིག་རྟེན་སྐྱོང་བའི་ལྷ་བརྒྱད་དེ། ཞེས་སོ། །བརྒྱད་ནི། ས་ལྷ་ཀུན་འབྱུང་ཡིད་བཞིིན། རླུང་ལྷ་འདོགས་པའི་སྟོབས་ལྡན། མེ་ལྷ་དྲོད་ཆེན་སྨིན་པ། ཆུ་ལྷ་ཀུན་སྡུད་བདུད་རྩི་ཅན། ལྷ་ཆེན་ཕུ་ཝེར་རྒྱལ་པོ། ལྷ་ཆེན་སེལ་གསས་དྲ་བརྒྱད། ལྷ་ཆེན་འདུར་གསས་རྨ་བོ། ལྷ་ཆེན་དུས་ཀྱི་འཁོར་ལོ་དང་བརྒྱད་དོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་གཟི་བརྗིད་པོད་གསུམ་པར་གསལ། |
| Domain | ཆོས་ལུགས། |