64860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི་སྡེ་དགེ་གཏེར་ཀླུང་དེའུ་མགོ་ཚང་སར་སྐུ་འཁྲུངས། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་ལུང་བྱང་ལས་གསལ་བར་སྟོན་པ་བཞིན་ཀཿཐོག་གི་གདན་ས་རྨོག་གྲུབ་ཡང་སྲིད་དུ་མངའ་གསོལ་ནས་དགེ་པཎ་དང༌། ངེས་དོན་དང༌། སི་ཏུ་ཆོས་ཀྱི་སེངྒེ་སོགས་ལས་གཏེར་ཆེན་བདུད་ཀློང་གཉིས་ཀྱི་ཟབ་གཏེར་སྐོར་དང༌། སྔ་འགྱུར་བཀའ་མ་མདོ་སྒྱུ་སོགས་བཀའ་གཏེར་རྣམས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་རྒྱུན་རྣམས་ཡོངས་རྫོགས་གསན། ཀཿཐོག་པའི་བསྟན་པའི་བདག་པོར་ལོ་མང་བཞུགས་ནས་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་ལ་གཟིགས་རྟོགས་རྒྱ་ཆེར་མཛད། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་འཆད་ཉན་གནང་བས་བརྒྱུད་འཛིན་གྱི་སློབ་མ་རྡོ་རྗེ་འཛིན་པ་མཚོ་ཕུ་སྒྲུབ་ཆེན་རིན་པོ་ཆེ་དང༌། རིག་འཛིན་བསོད་ནམས་དཔལ་ལྡན་སོགས་བྱོན་ནས་ཀཿབསྟན་གསལ་བའི་སྒྲོན་མེ་ལྟ་བུ་བྱོན་པའོ། །

{{#arraymap:འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་

|; |@@@ | | }}