64861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་བྲལ་ཕྱོགས་ཀྱི་གླང་པོ་ (1)
Part of speech མིང་ཚིག
Definition ཁོང་ནི་ལྷ་སར་འཁྲུངས། ཀཿཐོག་ཏུ་གདན་དྲངས་ནས་ཀུན་མཁྱེན་སི་ཏུ་རིན་པོ་ཆེ་དང་ཨ་འཛོམས་འབྲུག་པ་སོགས་ལས་བཀའ་གཏེར་མང་པོའི་དབང་ཁྲིད་ལུང་བཅས་རྫོགས་པར་གསན། ཆོས་སྐྱོང་བྲན་དུ་འཁོར་པས་གང་འདོད་ཀྱི་ཕྲིན་ལས་ཐོགས་མེད་སྒྲུབ་པ་དང༌། མཐུ་སྟོབས་ནུས་པའི་གཟི་བྱིན་མེ་ལྟར་འབར། ཀཿཐོག་པའི་སྔར་རྒྱུན་སྒྲིག་སྲོལ་ཀུན་སྤྱོད་ལ་དག་ཐེར་དང་ལེགས་བཅོས་མཛད། མ་གཤིན་ཕུར་པའི་སྒྲུབ་སྡེ་གསར་འཛུགས་དང་བཀའ་མ་ཁྲོ་འཆམ་གྱི་གསེར་འབག་དྲུག་ཅུ་གསར་བཟོ་གནང་བ་སོགས་མཛད་དེ་བསྟན་པའི་བྱ་བ་ལ་ཐུགས་ཁུར་ཆེར་བཞེས་དང༌། ཕག་དཀར་སྒྲུབ་པ་སོགས་ཀྱི་ཆོས་གཏེར་དང་རྫས་གཏེར་མང་དུ་བྱོན། ལྐོག་གྱུར་གཟིགས་པ་སོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་པའི་སྐྱེས་བུ་ཆེན་པོ་ཞིག་བྱོན་པ་ཡིན་ནོ། །