64862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་བྲལ་བློ་གྲོས་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་ནི་སྡེ་དགེ་འཇོ་མདར་སྐུ་འཁྲུངས། ཀུན་མཁྱེན་ངག་གི་དབང་པོའི་ཡེ་ཤེས་སྤྱན་གྱིས་གཟིགས་པས་ཀཿཐོག་གི་གདན་སར་བཀོད། འཇམ་མགོན་ཆོས་ཀྱི་བློ་གྲོས་དང༌། དགེ་རྩེ་བསྟན་པ་རྣམ་རྒྱལ། མཁན་ཆེན་ལེགས་བཤད་འབྱོར་ལྡན་སོགས་དམ་པ་དུ་མའི་ཞབས་ལ་བཏུད་དེ་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བརྟེན་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་ཡོངས་སུ་འགེངས་ཤིང་བསྟན་འགྲོར་སྨན་པའི་རླབས་ཆེན་མཛད་བཟང་སྤྲོ་བཞིན་པའོ། །