64866

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་མེད་ཀུན་བཟང་གི་སྤྱོད་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྟོན་པ་བདེ་བར་གཤེགས་པ་རྣམས་ཀྱི་མཛད་སྤྱོད་དེ། སྐུ་གསུང་ཐུགས་ཀྱི་སྒོ་གང་ནས་མཛད་སྤྱོད་གང་ཞིག་མཛད་ཟིན་པ་དང་མཛད་བཞིན་པ་མཛད་པར་འགྱུར་བ་ཇི་སྙེད་རྣམས་ལ། ཆགས་སྡང་སོགས་ཀྱིས་གཞི་བྱས་ནས་འགྲོ་བ་གང་ལ་གནོད་འཚེ་དང་འཇིགས་རུང་བསྐྱེད་པ་གང་ཡང་མེད་པ་ཀུན་ལ་མཐུན་པའམ་ཕན་པ་ཉིད་དུ་འགྱུར་བའི་མཛད་སྤྱོད་དེ་དག་ལ་བཤད་དོ། །དེ་ཡང་ལྟ་བ་ཁྱུང་ཆེན་ལས། སྟོན་པ་བདེ་བར་གཤེགས་པ་ཡིས། སྤྱོད་ཡུལ་རྣམས་དང་མཐུན་པར་བཞུགས། སྤྱོད་པ་ཇི་ལྟར་སྤྱད་འགྱུར་ཡང་། འཇིགས་མེད་ཀུན་བཟང་ཉིད་དང་སྦྱོར། ཞེས་པས། དེ་ཡང་སྟོན་པ་བདེ་བར་གཤེགས་པ་རྣམས་ཀྱིས་འགྲོ་བ་འདུལ་བའི་དོན་དུ་འགྲོ་བ་རང་རང་གི་ཆ་ལུགས་སམ་ཁམས་དང་མོས་པ་དང་མཐུན་པའི་སྐུ་རུ་བཞེངས་ཏེ་འཇིག་རྟེན་འདིར་བྱོན་ལ། མཛད་སྤྱོད་ཀྱང་སེམས་ཅན་གྱི་བློ་ཚོད་དང་བསྟུན་ནས་དེ་དང་འཚམས་པར་བླང་དོར་གྱི་སྤྱོད་པ་རྣམས་སྟོན་པར་མཛད་པ་ཡིན་ནོ། །
Domain ཆོས་ལུགས།