64873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིགས་མེད་དམ་ཆོས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ས་ཁྱི་ཕྱི་ལོ་ ༡༨༩༨ ལོར་མདོ་སྨད་རེབ་གོང་ཨ་བིར་དུ་ཡབ་དགེ་འདུན་བསོད་ནམས་དང་། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཤར་བློ་བཟང་སྐལ་བཟང་ལྡན་བསྟན་པའི་རྒྱལ་མཚན་དང་། ཞྭ་དམར་པཎྜི་ཏ་རྣམས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་བདུན་པར་ཞྭ་དམར་པཎྜི་ཏ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས། མཚན་ལ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཞེས་གསོལ། གདན་ས་ཀ་རིང་བཀྲ་ཤིས་ཆོས་གླིང་དུ་ཕེབས། གཅན་ཚའི་བྲག་ལུང་དགོན་དུ་རྗེ་ཞྭ་དམར་རིན་པོ་ཆེ་ལས་དགེ་ལྡན་པའི་ཟབ་ཆོས་དང་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་ཞུས། གསང་མཚན་རིན་ཆེན་རྡོ་རྗེ་ཞེས་སྩལ། བཅུ་པར་སྐུ་འབུམ་དགོན་དུ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལས་ཕྱག་དབང་ཞུས། རྗེ་ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་དབང་ལུང་ཁྲིད་གསུམ་ཞུས། གཞུང་ཆེན་ལྔར་མཁས་པར་སྦྱངས། བཅུ་དགུ་པར་རྗེ་ལྕང་ལུང་ཁྲི་རྒན་ལས་བསྙེན་པར་རྫོགས། ཉི་ཤུ་པར་ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་སྙན་ངག་དང་སྒྲ་སོགས་གསན། ཀུན་བཤད་ཀྱི་མཚན་ལ་དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞེས་གསོལ། ཉེར་དགུ་པར་རོང་བོ་དགོན་གྱི་ཁྲིར་ཕེབས། ཟབ་རྒྱས་ཆོས་འཁོར་རྒྱ་ཆེེར་བསྐོར། ཞེ་དགུ་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ཕྱི་ལོ་ ༡༩༤༦ ལོར་སྐུ་གཤེགས། གསུང་རྩོམ་ནི་བདེན་པ་བཞི་ལས་བརྩམས་པའི་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་དང་། གསུང་རབ་དྲི་མ་མེད་པའི་དགོངས་དོན་གསལ་བར་མཛད་པའི་བསྟན་བཅོས་རྟོག་བདུན་འགྲེལ་ཆེན། རིམ་ལྔ་གསལ་སྒྲོན་གྱི་དཀའ་འགྲེལ་བསྡུས་དོན། དྲང་ངེས་བརྗེད་བྱང་ཆེན་མོ་སོགས་དང་། སྙན་ངག་གི་ལམ་ནས་དྲངས་རྟོགས་བརྗོད། རྣམ་ཐར་བསླབ་མགུར། ཆབ་ཤོག་སོགས་ཁྱོན་གསུང་འབུམ་པོད་ཉི་ཤུ་ཙམ་མཛད།
Synonyms རིན་ཆེན་རྡོ་རྗེ། དབྱངས་ཅན་དགྱེས་པའི་རྡོ་རྗེ།

{{#arraymap:འཇིགས་མེད་དམ་ཆོས་རྒྱ་མཚོ་

|; |@@@ | | }}