64881
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀཿཐོག་དྲི་མེད་ཞིང་སྐྱོང་གི་སྐུ་རབས་གཉིས་པ་ཡིན། ཁོང་ནི་སྐུ་སྔ་མའི་དབོན་རྒྱུད་དུ་འཁྲུངས། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་བཀའ་ལུང་བཞིན་དགེ་རྩེ་པཎ་ཆེན་གྱིས་ཀཿཐོག་གི་གདན་སར་དྲངས་ནས་མངའ་གསོལ། དགེ་པཎ་དང་ངེས་དོན་པ་སི་ཏུ་ཆོས་ཀྱི་སེངྒེ་སོགས་སྐྱེས་ཆེན་དུ་མ་ལས་བཀའ་གཏེར་སྤྱི་དང༌། ཁྱད་པར་གཏེར་ཆེན་བདུད་ཀློང་གཉིས་ཀྱི་དབང་ཁྲིད་ལུང་བཅས་ཡོངས་རྫོགས་གསན། བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་ལ་བྱ་བ་རྒྱ་ཆེར་མཛད་དོ། ། |