64937

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇུ་ (1)
Part of speech བྱ་ཚིག
Definition ལག་པ་སོགས་ཀྱིས་བཟུང་བའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [འཇུ།, རྒོད་པོ་ཐད་ལ་སླེབས་དུས་འཇུ་དགོས།]
Present [འཇུ།, འཇུ་བྱེད་ཀྱི་ཞགས་པ།]
Past [འཇུས།, ལག་པར་འཇུས་ནས་སྙིང་གཏམ་བཤད།]
Imperative [འཇུས།, རྐུན་མ་འཇུས་ཤིག་ལྟ་བུ།]
འཇུ་ (2)
Part of speech བྱ་ཚིག
Definition སྲ་འཐས་ཀྱི་རིགས་གཤེར་ཁུར་བསྒྱུར་བའི་དོན།
Future [བཞུ།, མཆོད་མེའི་ཆེད་མར་བཞུ།]
Present [འཇུ།, མར་འཇུ་བྱེད་ཀྱི་མེད།]
Past [བཞུས།, མར་བཞུས།]
Imperative [བཞུས།, བཞུས་ཤིག་ལྟ་བུ།]
འཇུ་ (3)
Part of speech བྱ་ཚིག
Definition ལྟོ་ཆས་ཇི་བཟས་བཅུད་དུ་འགྱུར་བའི་དོན།
Transitive བྱ་བྱེད་ཐ་མི་དད་པ།
Future [འཇུ།, ཟས་མཁྲེགས་པོ་དག་འཇུ་དཀའ།]
Present [འཇུ།, ཟས་འཇུ་བྱེད་ཀྱི་སྨན།]
Past [ཞུ།, ཟས་ཞུ་ནས་ལྟོ་བ་བདེ་ལྟ་བུ།]
འཇུ་ (1)
Part of speech མིང་ཚིག
Definition ཆུ་ཆེན་ནང་གི་སྲོག་ཆགས་ཉའི་རྒྱལ་པོར་གྲགས་པ། ཆེ་ཤོས་ཀྱི་ལུས་པོ་ལ་འདོམ་པ་དོ་གསུམ་ལྷག་ཡོད་པ་དང་། ཁ་ཆེ་ཞིང་རིང་ལ་སོ་རྣོ་ཞིང་མང་བ། རྐང་ལག་བཞི་ཀ་ཐུང་ཞིང་མཇུག་མ་རིང་། ཕྱི་ལྤགས་སྲ་ལ་ཁ་དོག་སྐྱ། རྐྱལ་མཁས་ཤིང་གདུག་རྩུབ་ཆེ། ཉ་དང་ཆུ་བྱ་སོགས་བཟའ་བར་མ་ཟད་མིའང་བཟའོ། །
Synonyms ཉ་ཏི་མི། རྒྱབ་མཐོ། མཆེ་བ་སྟོང་ལྡན། རྣམ་འཕྱོའི་བདག་པོ། ཉ་ཁྲ། ཉ་མིད། ཉ་ཡི་རྒྱལ་པོ། སྟོབས་ལྡན་ཉ། བྱིས་པ་གསོད།
འཇུ་ (2)
Part of speech མིང་ཚིག
Definition བོད་ཀྱི་བཙན་པོའི་གདུང་ལས་མཆེད་པར་གྲགས་པའི་རུས་མིང་ཞིག་སྟེ།
Example འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལྟ་བུ།