From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཇུག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ནང་དུ་བཅུག་པའམ་ཁྲིད་པ་སྟེ།
|
| Example
|
བུ་ཕྲུག་སློབ་གྲྭར་འཇུག་པ། ཉེས་ཅན་བཙོན་དུ་འཇུག་པ། བུ་དམག་ལ་འཇུག་པ་ཞེས་པ་ལྟ་བུ།
|
འཇུག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སྣོད་སོགས་ཀྱི་ནང་དུ་བླུག་པ།
|
| Example
|
ཚོང་ཟོག་རླངས་འཁོར་ནང་དུ་འཇུག་པ་ཞེས་པ་ལྟ་བུ།
|
འཇུག་པ་ (3)
| Part of speech
|
མིང་ཚིག
|
| Definition
|
བྱ་བ་ཞིག་བྱེད་པའམ། སྤྱོད་པ།
|
| Example
|
རྩོམ་འབྲི་བྱ་བར་འཇུག་པ། དགེ་བའི་ལས་ལ་འཇུག་པ་ཞེས་པ་ལྟ་བུ།
|
འཇུག་པ་ (4)
| Part of speech
|
མིང་ཚིག
|
| Definition
|
གྲངས་བཅུ་སྟེ། ཉ་དང༌། རུས་སྦལ། ཕག་རྒོད། མི་ཡི་སེང་གེ། མིའུ་ཐུང༌། མི་སྡུག་པ། ནག་པོ། དགའ་བྱེད་ར་མ་ཎ། རྒྱས་པ་ར་མ་ཎ། སངས་རྒྱས་ཀི་ཏྲའི་རྩེ་སྟེ་ཁྱབ་འཇུག་ལ་འཇུག་པ་བཅུ་ཡོད་པས་དེ་ལྟར་བཏགས།
|
| Type
|
མངོན་བརྗོད།
|