64962

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇུག་པ་བཅུ་ (1)
Part of speech མིང་ཚིག
Definition ཁྱབ་འཇུག་གི་འཇུག་པ་བཅུ་སྟེ། མུ་སྟེགས་ཁྱབ་འཇུག་པ་རྣམས་ཀྱིས་ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་སྟེ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་བཅུ་ཞེས་མུ་སྟེགས་པའི་རིག་བྱེད་ཀྱི་གཞུང་ལས་བཤད་སྲོལ་ཡོད་པ་དེ་ཡིན་ཏེ། གཅིག ཉ་ཡི་གཟུགས་སུ་སྤྲུལ་ནས་རིག་བྱེད་ཀྱི་གཞུང་རྒྱ་མཚོའི་ནང་དུ་ནུབ་པ་དེ་བཏོན་པ། གཉིས། ས་གཞི་ཆེན་པོ་འདི་རྒྱ་མཚོའི་ནང་དུ་ནུབ་པ་དེ་རུས་སྦལ་གཟུགས་སུ་སྤྲུལ་ནས་བཏེགས་པ། གསུམ། ཕག་རྒོད་ཀྱི་གཟུགས་སུ་སྤྲུལ་ནས་ས་གཞི་ཆེན་པོ་འདི་རྒྱ་མཚོར་ནུབ་པ༌དེ་སླར་ཡང་བཏེགས་པ། བཞི། ལུས་པོ་མི་ལ་སེང་གེའི་མགོ་ཅན་དུ་སྤྲུལ་ནས་ལྷ་མ་ཡིན་འགྲོ་སྐྱོབ་གསེར་ཅན་བསད་པ། ལྔ། མིའུ་ཐུང་དུ་སྤྲུལ་ནས་ལྷ་མ་ཡིན་སྟོབས་ལྡན་ལ་གོམ་པ་དོའི་ས་བསླངས་ནས་ཕམ་པར་བྱས་པ། དྲུག རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་རཱ་མ་ཎར་སྤྲུལ་ནས་སྲིན་པོ་ལངྒ་མགྲིན་བཅུ་བསད་པ། བདུན། དགྲ་སྟ་ཐོགས་པའི་དགའ་བྱེད་དུ་སྤྲུལ་ནས་ས་སྟེང་གི་རྒྱལ་རིགས་ཐམས་ཅད་བརླག་པར་བྱས་པ། བརྒྱད། ནག་པོར་སྤྲུལ་ནས་ལྷ་མ་ཡིན་མང་པོ་བསད་པ། དགུ། ས་སྟེང་གི་རྒྱལ་རིགས་དང་རང་ཉིད་ཀྱི་སྤུན། ལྷ་མ་ཡིན། སྲིན་པོ་སོགས་མང་པོ་བསད་པའི་སྡིག་པ་སྦྱང་བའི་ཆེད་དུ་སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ནས་མི་རྣམས་ལ་དགེ་བ་བཅུའི་ཆོས་བསྟན་པ། བཅུ། མ་འོངས་པའི་དུས་སུ་འཛམ་བུའི་གླིང་དུ་ཁ་ཆེའི་ཆོས་ལུགས་ཤུགས་ཆེར་དར་ནས་ཧིན་རྡུ་དང༌། ནང་པ་སོགས་ཆོས་ལུགས་གཞན་དག་རྩ་མེད་དུ་བསྣུབས་མཁན་ཞིག་འབྱུང་བ་དེའི་ཚེ་ན། ཁྱབ་འཇུག་གིས་རིགས་ལྡན་ཀཱ་ལ་ཀིར་སྤྲུལ་ནས་ལྷ་མིན་གྱི་དཔུང་ཚོགས་དེ་དག་ཚར་བཅད་པ་བཅས་ཡིན། འདིའི་སྐོར་གྱི་ལོ་རྒྱུས་ཞིབ་པར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱ་བལ་མཁས་པའི་ངག་རྒྱུན་གངས་ཅན་རྣ་བའི་བདུད་རྩི་ཞེས་པ་ཞིག་ཁམས་སྤྲུལ་སྙན་འགྲེལ་དུ་གསལ།
Domain ཆོས་ལུགས།