64963
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁྱབ་འཇུག་གི་མིང་སྟེ། འདིས་འཇིག་རྟེན་གྱི་བྱ་བ་བསྒྲུབ་པ་ལ། རིག་བྱེད་བཞི་རྒྱ་མཚོར་ནུབ་པ་ཉ་རུ་སྤྲུལ་ཏེ་བཏོན་པ་དང་གཅིག རུས་སྦལ་གྱི་གཟུགས་ཀྱིས་འཇིག་རྟེན་བཏགས་ནས་རྒྱུན་དུ་གནས་པ་དང་གཉིས། ཕག་རྒོད་ཀྱི་གཟུགས་ཀྱིས་ཚངས་པའི་འཇིག་རྟེན་མན་ཆད་མནན་པ་དང་གསུམ། སྨད་མི་ལ་སྟོད་སེང་གེའི་གཟུགས་ཀྱི་ལྷ་མིན་དབང་པོ་འགྲོ་སྐྱོབ་གསེར་ཅན་གྱི་ལྟོ་བ་དྲལ་ནས་བསད་པ་དང་བཞི། མིའུ་ཐུང་དུ་སྤྲུལ་ནས་ལྷ་མིན་སྟོབས་ལྡན་ལ་གོམ་པ་གསུམ་གྱིས་བསླངས་ཏེ་བསླུས་པ་དང་ལྔ་། ཛམཱད་ཨགྣིའི་བུ་དགྲ་སྟ་ར་མར་སྤྲུལ་ཏེ་རྒྱལ་རིགས་སྲིད་སྒྲུབ་བསད་ནས་རྒྱལ་སྲིད་མེད་པར་བྱས་པ་དང་དྲུག རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎར་སྤྲུལ་ཏེ། སྤྲེའུ་ཧ་ནུ་མན་ཐ་ལ་གྲོགས་བཅོལ་ནས། རང་གི་ཆུང་མ་འཕྲོག་པའི་སྲིན་པོ་ལངྒ་མགྲིན་བཅུ་ཐུལ་བ་དང་བདུན། སྔོན་འཇིག་རྟེན་ཏུ་ཐན་པ་ཆེན་པོ་བྱུང་བའི་སྐབས་སུ། བྲམ་ཟེ་ནག་པར་སྤྲུལ་ཏེ། རྒྱ་མཚོ་བཞི་དང་ཆུ་བོ་དུ་མ་བསྐྲུན་པ་དང་བརྒྱད། སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ནས་སྔོན་རྒྱལ་རིགས་སོགས་བསད་པའི་སྡིག་པ་སྦྱངས་པ་དང་དགུ། རིགས་ལྡན་བྲམ་ཟེའི་བུ་ཀིརྟ་ཙི་ཞེས་བྱ་བ་མ་འོངས་པ་ན་འབྱུང་བས། སེམས་ཅན་མང་པོ་བཏུལ་བའི་མཐར་དུས་ལྡོག་པ་རྟོགས་པར་འགྱུར་བ་དང་བཅུའོ། ། |
| Type | མངོན་བརྗོད། |