64995

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇུག་པའི་སྤྱོད་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག སྤྱོད་པ་གསུམ་གྱི་ཡ་གྱལ་ལས་དང་པོ་སྟེ། དཀོན་ཅོག་འགྲེལ་ལས། དེ་ལ་འཇུག་པའི་སྤྱོད་པ་ནི། དང་པོ་རྡོ་རྗེ་སློབ་དཔོན་ཡོངས་སུ་གཟུང་བ་དང་། དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པ་དང་། དེའི་ཚེ་ཐེག་པ་ཆེན་པོའི་དམ་ཚིག་གི་སྡོམ་པ་བཟུང་སྟེ་དམ་ཚིག་ཅན་དུ་བྱས་པ་དང་། ཇི་ལྟར་བསྒོམ་ཞིང་བསྒྲུབ་པ་ལ་སོགས་པའི་མན་ངག་ཐམས་ཅད་མནོས་ཏེ་མན་ངག་ཅན་དུ་བྱ་བ་དང་། དེས་ཀྱང་བརྩོན་པ་མི་འདོར་བར་བཀའ་བཞིན་བྱེད་པའི་མཚན་ཉིད་རྣམས་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།