65003

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇུག་ཡུལ་ (1)
Part of speech མིང་ཚིག
Definition མི་རྣམས་ཀྱིས་བྱ་བ་སྒྲུབ་པའི་ཡུལ།

{{#arraymap:འཇུག་ཡུལ་

|; |@@@ | | }}

འཇུག་ཡུལ་ (2)
Part of speech མིང་ཚིག
Definition འཇུག་ཡུལ་གྱི་མཚན་ཉིད་ནི། བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་བསླུ་བའོ། །འདིར་མི་བསླུ་བའི་དོན་ནི་ཐོབ་པ་ལ་བཤད་ལ། དེ་ཡང་ཐོབ་པའི་ནུས་པ་ཡོད་པ་ལ་བྱ་ཞིང་། དེའི་དོན་ཡང་ཐོབ་བྱའི་དོན་དེ་ལ་བརྒྱུད་ནས་འབྲེལ་བ་ལ་བྱེད་དོ། །མཚན་གཞི་ནི། གང་མི་བསླུ་བའི་ཡུལ་ཅན་ནི་སྐྱེས་བུ་དང་། སྒྲ་དོན་མཐུན་རྣམས་དང་། རྟོག་པ་དོན་མི་མཐུན་འགའ་ཞིག་ལའང་འཇུག་ཡུལ་ཡོད། གང་ལ་མི་བསླུའི་ཡུལ་ལ་གནས་སྐབས་དང་མཐར་ཐུག་གི་འཇུག་ཡུལ་གཉིས་ཡོད་ལ། དང་པོ་ལ་དངོས་པོ་དང་། དངོས་མེད་གཉིས་ཡོད། མཐར་ཐུག་གི་འཇུག་ཡུལ་ལ་ནི་རང་མཚན་གྱིས་ཁྱབ་པ་ཡིན་ཏེ། གཞལ་བྱ་རང་མཚན་གཅིག་ཁོ་ན། །ཞེས་གསུངས་པས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །འཇུག་ཡུལ་གྱི་མཚན་ཉིད་ནི། ཡུལ་ཅན་དོན་མཐུན་གྱི་བྱེད་པ་འཇུག་པའི་གཞིར་གྱུར་པའི་ཡུལ་གྱི་གཙོ་བོའོ། །དབྱེ་བ་ལ། ཡུལ་ཅན་གྱི་སྒོ་ནས་དབྱེ་ན་གསུམ་ལས་དང་པོ་ཚད་མའི་འཇུག་ཡུལ་ལ་མངོན་སུམ་དང་། རྗེས་དཔག་གི་འཇུག་ཡུལ་གཉིས། དང་པོ་ལ། དོན་རིག་མངོན་སུམ་གྱི་འཇུག་ཡུལ་ནི་ཕྱི་རོལ་གྱི་དོན་རང་མཚན་དང་། རང་རིག་མངོན་སུམ་གྱི་འཇུག་ཡུལ་ནི་ཤེས་པ་རང་མཚན་དང་། རྣལ་འབྱོར་མངོན་སུམ་གྱི་འཇུག་ཡུལ་ནི་མདོ་སྡེ་པ་ལྟར་ན་བདག་མེད་པས་ཁྱད་པར་དུ་བྱས་པའི་ཕུང་པོ་རང་མཚན་དང་། རྣམ་རིག་པ་ལྟར་ན་ཆོས་ཉིད་རྣམས་ཡིན་ནོ། །རྗེས་དཔག་གི་འཇུག་ཡུལ་ནི་རྟགས་ཡང་དག་གི་བསྒྲུབ་བྱ་རྣམས་ལ་འཇོག་གོ །སྒྲའི་འཇུག་ཡུལ་ནི། བ་ལང་རང་མཚན་པ་དེ་བ་ལང་ཞེས་པའི་སྒྲ་དོན་མཐུན་གྱི་འཇུག་ཡུལ་ཡིན་པ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །སྤྱིར་འཇུག་ཡུལ་ཡིན་ན་རང་རིག་མངོན་སུམ་གྱི་འཇུག་ཡུལ་དང་། རྣལ་འབྱོར་མངོན་སུམ་གྱི་འཇུག་ཡུལ་ཡིན་པས་ཁྱབ་ཏེ། གཞི་གྲུབ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རང་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་གཉིས་ཀྱི་འཇུག་ཡུལ་ཡིན་པས་ཁྱབ་པའི་ཕྱིར། རྗེས་དཔག་གི་འཇུག་ཡུལ་ནི། རྟགས་ཡང་དག་གི་བསྒྲུབ་བྱ་ལ་གཙོ་བོར་འཇོག་པ་ཡིན་ཏེ། སྒྲ་མི་རྟག་པ་ནི་བྱས་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་འཇུག་ཡུལ་དང་། ནམ་མཁའ་དངོས་མེད་དེ། དོན་བྱེད་ནུས་སྟོང་གི་རྟགས་ལས་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་ཡིན་པ་ལྟ་བུའོ། །སྐྱེས་བུའི་འཇུག་ཡུལ་ནི། ཚད་མའི་འཇུག་ཡུལ་ལས་ལོགས་ན་མེད་དེ། གཞི་གྲུབ་ན། སྐྱེས་བུའི་འཇུག་ཡུལ་ཡིན་པས་ཁྱབ་པའི་ཕྱིར་ཏེ། གཞི་གྲུབ་ན། སངས་རྒྱས་འཕགས་པའི་འཇུག་ཡུལ་ཡིན་པས་ཁྱབ་པའི་ཕྱིར། རྗོད་བྱེད་སྒྲའི་འཇུག་ཡུལ་ནི། རང་བརྗོད་པའི་གཞིར་གྱུར་པའི་ཡུལ་དེ་ལ་འཇོག་པ་ཡིན་ཏེ།
Example ཀ་བ་དེ་ཀ་བ་བརྗོད་པའི་སྒྲའི་འཇུག་ཡུལ་ཡིན་པ་ལྟ་བུའོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། །
Domain ཚད་མ།

{{#arraymap:འཇུག་ཡུལ་

|; |@@@ | | }}

འཇུག་ཡུལ་ (3)
Part of speech མིང་ཚིག
Definition ཡུལ་ལ་ཡུལ་དུ་བྱས་ཚུལ་མི་འདྲ་བའི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་སླུ་བ་ལ་འཇུག་ཡུལ་ཞེས་བྱ་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། འཇུག་ཡུལ་གྱི་མཚན་ཉིད། བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་སླུ་བ།
Example སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལ་མི་རྟག་པ་ལྟ་བུ། སྔོན་པོའི་དབང་པོའི་མངོན་སུམ་ལ་སྔོན་པོ་ལྟ་བུ་དང༌། བུམ་པའི་སྒྲ་རྟོག་ཁྱད་པར་ཅན་ལ་བུམ་པ་ལྟ་བུ་དང༌། སོ་ནམ་བྱེད་པའི་སྐྱེས་བུ་ལ་ས་བོན་དང་ཆུ་ལུད་དྲོད་གཤེར་ཚོགས་པའི་ཞིང་ལྟ་བུའོ། །ཞེས་གསུངས།

{{#arraymap:འཇུག་ཡུལ་

|; |@@@ | | }}

འཇུག་ཡུལ་ (4)
Part of speech མིང་ཚིག
Definition སྔོན་འཇུག་དང་རྗེས་འཇུག་འཇུག་ཡུལ་གྱི་ཡི་གེ།
Domain སྒྲ་རིག་པ།

{{#arraymap:འཇུག་ཡུལ་

|; |@@@ | | }}