65004
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ངོ་བོ་ནི། དམིགས་པ་ཆེ་བ་སོགས་ཁྱད་པར་བདུན་དང་ལྡན་པ་སྟེ། མདོ་སྡེའི་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་མངོན་པར་བརྗོད། །ཅེས་པའོ། །དབྱེ་བ་ལ། འདིས་བགྲོད་པ་རྒྱུའི་ཐེག་ཆེན་དང། འདིར་བགྲོད་པ་འབྲས་བུའི་ཐེག་ཆེན་ནོ། །དང་པོ་ལ། འཇིག་རྟེན་པའི་དག་པ་ཐོབ་བྱེད་དང་། འཇིག་རྟེན་ལས་འདས་པའི་དག་པ་ཐོབ་བྱེད་དང་། གཉིས་ཀ་ཁྱད་པར་དུ་བྱེད་པའི་ལམ་མོ། །དང་པོ་ནི། བསམ་གཏན་གཟུགས་མེད། གཉིས་པ་ལ་རང་དོན། གཞན་དོན་གཉིས་ལས། དང་པོ་ལ། སྤྱོད་པའི་ངོ་བོ་སྦྱིན་སོགས་དང་། དྲི་མ་སེལ་བྱེད་གཉེན་པོའི་ལམ་མོ། །གཉིས་པ་ལ། གཞན་དོན་གྱི་ངོ་བོ་བྱམས་སོགས་བཞི། འཆིང་བ་གཅོད་པར་དམིགས་མེད་ཀྱི་ཤེས་རབ། གསུམ་པ་ཁྱད་པར་དུ་བྱེད་པའི་ལམ་ལ། རྟོགས་པའི་ཁྱད་པར་འཁོར་གསུམ་དག་པ། དོན་དུ་གཉེར་བའི་ཁྱད་པར་ཆེད་དུ་བྱ་བ། མཐུའི་ཁྱད་པར་མངོན་པར་ཤེས་པའོ། །འབྲས་བུ་(ཐེག་ཆེན)ནི་རྣམ་མཁྱེན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |