65009
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། རྫོགས་བྱང་ཐོབ་ཆེད་དུ་སྦྱིན་སོགས་ཕར་ཕྱིན་དྲུག་ལ་དངོས་སུ་འཇུག་པའི་སེམས་ཁྱད་པར་ཅན་ཞིག་ལ་འཇུག་སེམས་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། མཚན་ཉིད་འཇོག་པ་ན། ཕྱོགས་གཉིས་ཐུན་མོང་དུ། འཇུག་སྡོམ་གྱི་བསླབ་བྱས་བསྡུས་པའི་སྦྱིན་སོགས་ཕར་ཕྱིན་དྲུག་པོ་གང་རུང་གི་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་སེམས་བསྐྱེད། འཇུག་སེམས་ཀྱི་མཚན་ཉིད་དང། དེས་དངོས་སུ་མ་ཟིན་པའི་སེམས་བསྐྱེད། སྨོན་སེམས་ཀྱི་མཚན་ཉིད་དུ་སྨྲའོ། །ཞེས་གསུངས། ས་མཚམས་ནི། ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། ། |
| Domain | ཆོས་ལུགས། |